[001A]༄༅། །ལེགས་ལྡན་གཟའ་ལྔ་ཉིན་ཞག་མའི་མགྱོགས་སྟེར་བསྒྲུབ་ཚུལ་བཞུགས། ། [001B] །དཔལ་ལྡན་དང་པོའི་སངས་རྒྱས་དང། །དབྱེར་མེད་བླ་མའི་ཞབས་བཏུད་ནས། །ལེགས་ལྡན་གཟའ་ལྔ་ཉིན་ཞག་མའི། །མགྱོགས་སྟེར་བསྒྲུབ་ཚུལ་བཤད་པར་བྱ།། རབ་བྱུང་ཉི་མའི་ཐོག་མ་ཡི། །མེ་ཡོས་ལ་སོགས་འདས་པའི་ལོ། །ཉི་མས་བསྒྱུར་ལ་ནག་པ་སོགས། །འདས་ཟླ་བསྲེས་ལ་གནས་གཉིས་བཞག་འོག་མ་མིག་བསྒྱུར་ཚེས་ཀྱིས་བརྒྱན་ མངའ་རོས་ཐོབ་པ་སྟེང་དུ་འཕང། །ཟླ་དག་ཡིན་ནོ་དེ་ཉིད་ནི། །མཁའ་མས་བསྒྱུར་ལ་གནས་གསུམ་བཞག། བར་དུ་མིག་དབང་འོག་མ་ལ། །ནམ་མཁའ་མིག་དང་ལག་པ་བྱིན།། འོག་མ་རི་མཁའ་རིས་བགོས་ནོར། །བར་བྱིན་དེ་ཡང་ཆུ་ངོས་བགོས། །རྙེད་པའི་ནོར་གྱིས་སྟེང་སྦྱངས་པ། །ཚེས་གྲངས་མ་བསྲེས་སྤྱི་ཞག་ཡིན། །རྗེས་ཟའི་སྤྱིཞག་རིམ་ [002A]༄༅། །སྒྲུབ་ན། །གནས་གསུམ་ཀུན་ལ་མཁའ་མེ་བྱིན། །རང་རང་འཁོར་ལོས་སྟེང་བསྒྲིལ་བར། །ཆུ་རོས་རྙེད་པས་སྟེང་སྦྱངས་པས། །སྤྱི་ཞག་གང་འདོད་ངེ་ཡིས་ འགྲུབ། །སྟེང་མར་སྦྱང་རྒྱུ་བྱུང་བ་ན། །མི་ནོར་མཚན་མ་མ་འཚེམས་འདེབས། །ཆེས་གྲངས་མ་བསྲེས་སྤྱི་ཞག་དེ། །གནས་ལྔར་བཞག་ལ་ནམ་མཁའ་མཚོ། །དུས་མིག་ཐིགཾ་དང་ཆ་ ཤས་ལ། །དུས་ཚེས་མེ་བུག་གིས་བསྒྱུར་པར། །སྟེང་ནས་ཐིགཾ་དང་མཚམས་ལག་ངག། །མངའ་མེ་འབྱུང་བ་ཆ་ཤས་ལ། །དབང་རོ་ནམ་མཁའ་དུས་ཀླུས་སྦྱངས། །མས་རིམ་བུག་ མཁའ་མིག་བུག་ཡིད། །མཚམས་དང་མཁའ་རོ་ཐིག་རོ་ངག། །མཁོར་ལོས་དོར་ལྷག་ཉི་དཧྲུའོ། །རྗེས་ཟླའི་ཉི་དཧྲུ་རིམ་སྒྲུབ་ན། །གནས་གང་ཉིན་ཞག་རྟག་ལོངས་དང། །མཚན་ཅན་ [002B] །ཕྱི་མའི་ཉིན་ཞག་ཉི་དཧྲུ་འགྲུབ། །དེ་ནས་ཉིན་ཞག་སྤྱི་ནོར་གྱི། །བསྒྲུབ་ཚུལ་རིམ་པ་བསྟུན་པ་ནི། །གང་བརྩིའི་ལོ་ཡིན་ག་དཧྲུ་འམ། །བཤོལ་ཡོད་དབོ་སླུའི་ཉི་དཧྲུ་ལ།། ཉིན་ཞག་རྟག་ལོངས་གང་བབས་བྱིན། །ཉིན་ཞག་གཅིག་གི་ལོངས་སྤྱོད་ལས། །ཅུང་ཟད་མ་ལངས་ཉུང་བ་ན། །དེ་ནི་ལོ་དེའི་སྤྱི་ནོར་ཡིན། །ཞི་གཉིས་དོན་དུ་སྤྱི་ནོར་དེའི། །ཆུ་ཚོད་མཁའ་རོས་བསྒྱུར་ བ་ལ༑ ༑འོག་གི་སྲང་བཙུག་འབྱུང་མ་ཟླས། །ཐོབ་པ་སྲང་ཡིན་ལྷག་དུས་བསྒྱུར། །དབུགས་བཅུག་ཐོབ་པ་དབུགས་ཡིན་ལྷག་བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར། །ཆ་ཤས་བཅུག་ནས་ འབྱུང་མ་ཟླས། །ཐོབ་པ་ཆ་ཡིན་ལྷག་མེད་དག་སྐར་དབྱུང་གཉིས་ལ་ཐོན་ནར་མེད། །དེ་ཉིད་སྐྱེས་བུ་དྲུག་གི་ཆེད། །གནས་གསུམ་སྟེང་འོག་གཉིས་སུ་བཞག་སྟེང་མ་ཕྱོགས་རི་ མ་དང་ནི། །འོག་མ་མངའ་ཆུ་གཟུགས་ཀྱིས་བསྒྱུར། །རང་རང་འཁོར་ལོས་བསྒྲིལ་བ་ཡིས། །རྐང་པའི་ལོངས་སྤྱོད་རྣམ་དག་འགྲུབ། །དེ་ནས་ཉི་མའི་སྤྱི་ནོར་ནི། །གནས་དྲུག་ཚན་པ་གཉིས་སུ་ བཞག་དང་པོར་ཕྱོགས་བརྒྱན་གཉིས་པར་ཕྲི། །གསུམ་པར་རི་བྱིན་བཞི་པར་ཕྲི། །ལྔ་པར་མ་བསྣན་དྲུག་པར་ཕྲི། །དེ་བཞིན་དྲུག་ཚན་འོག་མ་ཡི། །དང་པོར་མདའ་ [003A]༄༅། །བྱིན་གཉིས་པར་ཕྲི། །གསུམ་པར་ཆུ་བསྣན་བཞི་པར་དམན། །ལྔ་པར་གཟུགས་བྱིན་དྲུག་པར་སྦྱངས། །བྱིན་ནོར་གྲོགས་པ་བུ་ལོན་ཏེ། །ལྷག་སངས་སྤྱིན་ནོར་རྣམ་ དག་འགྲུབ། །་སླ་ངག་མཁའ་མེས་བསྒྱུར་བ་ལ། །ཚེས་གྲངས་བསྲས་ལ་གནས་གསུམ་བཞག། རྩིས་འཕྲོ་བྱིན་ནས་འཁོར་ལོས་བསྒྲིལ། །ཆུ་རོས་རྙེད་པས་སྟེང་སྦྱོང་སོགས། །སྔར་ བཞིན་བྱས་པས་ཚེས་བསྲེས་པའི། །སྤྱི་ཞག་ཅེས་བྱ་འགྲུབ་པ་ཡིན། །ཉ་སྟོང་རིམ་སྒྲུབ་བཅོ་ལྔ་རེ། །གནས་གསུམ་ཀུན་ལ་རིམ་བཞིན་བྱིན། །རང་རང་འཁོར་ལོས་སྟེང་བསྒྲིལ་པར། །ཆུ་ རོས་རྙེད་པས་སྟེང་སྦྱངས་པས། །ཚེས་བསྲེས་སྤྱི་ཞག་གང་འདོད་འགྲུབ། །སྟེང་སྦྱངས་མཚན་མ་སྔར་བཞིན་འདེབས། །་སོ་སོའི་སྒོས་ཞག་སྒྲུབ་ལུགས་ནི། །སྤྱི་ཞག་རྩིས་ འཕྲོ་དབྱི་བ་དེ། །སྟེང་པ་རྒྱལ་བས་ཕྲི་བ་ལ། །རི་ཀླུ་རོ་ཡིས་བགོས་པའི་ལྷག་མིག་དམར་སྒོས་ཀྱི་ཞག་པོ་ཡིན། །སྤྱི་ཞག་མཚོ་རི་འདོད་པས་ཕྲི། །སོ་ཡོན་རག་བྱེད་ཀྱིས་དོར་ལྷག་ ཕུར་བུའི་སྒོས་ཀྱི་ཞག་པོ་ཡིན། །སྤྱི་ཞག་ཀླུ་བུག་རྩ་འབྱུང་དབྲི། །རོ་དུས་ཐུབ་ཕྱོགས་ཀྱིས་བགོས་ལྷག་སྤེན་པའི་སྒོས་ཀྱི་ཞག་པོ་ཡིན། །སྤྱི་ཞག་བརྒྱས་བསྒྱུར་དུས་ཆུ་དང། །བུག་ [003B] །རི་ནོར་དོར་ལྷག་ལྷག་པའི་ཞག་སྤྱི་ཞག་བཅུས་བསྒྱུར་དུས་རི་དང། །མཁའ་མིག་གིས་སྦྱངས་དྲང་སྲོང་དང། །རྒྱལ་བ་མི་གདོར་པ་སངས་ཞག་ཉ་སྟོང་རིམ་པར་སྒྲུབ་བྱེད་ ན༑ ༑སྒོས་ཞག་སོ་སོར་བཅོ་ལྔ་རེ། །ཀུན་ལ་སྟེར་ཀྱང་སྤྱི་ཞག་དེ། །མཚན་ཅན་སྐབས་སུ་བཅུ་བཞི་རེ། །སྟེར་ཞིང་དེ་ཡང་ལྷག་པ་བརྒྱ། །པ་སངས་བཅུས་བསྒྱུར་བྱིན་པ་དེར། །དཀྱིལ་འཁོར་ཐོབ་ན་དོར་ བ་ཡིས། །སྒོས་ཀྱི་ཞག་རྣམས་ཚེགས་མེད་འགྲུབ།། ་དེ་ནས་གང་བརྩིའི་ཉི་དཧུ་ལ། །གང་བརྩིའི་ཚེས་ཀྱི་རྟག་ལོངས་བྱིན། །རང་འཁོར་ལོངས་ན་བསྒྲིལ་བ་དེ། །དྲག་གཟའ་གསུམ་གྱི་རྐང་འཛིན་འཛིན་ ལྷག་པའི་སྒོས་ཞག་བརྒྱ་ཡིས་དང། །པ་སངས་སྒྲོས་ཞག་བཅུ་ཡིས་བགོས། །ནོར་གྱིས་རྐང་འཛིན་རེའུ་མིག་དང། །ལྷག་མས་སྤྱི་ནོར་རེའུ་མིག་བཟུང། །དེ་གཉིས་བསྲེས་ལ་རང་གི་འཁོར་ལོས་ བསྒྲིལ་བ་མྱུར་བར་རམ། །ཞི་གཟའ་གཉིས་ཀྱི་རྐང་འཛིན་ཡིན། ་རྒྱས་པ་རང་རང་སོགས་ཞག་གི། གྲངས་མཚུངས་རེའུ་མི་བཟུང་བ་དང། །འབྲིང་པོ་སོགས་ཀྱི་ཞག་གྲངས་ཀྱིས། །རེའུ་མིག་གྲངས་མཚུངས་ གྱུར་ན་བཟུང། །མཚུངས་ཉུང་བ་གད་ཉེས་ཟུང། །དེ་ལ་ཀ་ཁའི་ཐ་བཞིན་དུ། །ཞག་རྩིས་རེའུ་མིག་མང་ཁྱད་རྣམས། །གྲངས་མཚུངས་བྱིན་ནས་རང་རང་གི་འཁོར་ལོས་བསྒྲིལ་བས་དྲག་གསུམ་གྱི། །དལ་ [004A]༄༅། །བ་རྣམ་པར་དག་པ་འགྲུབ།། ་གོང་གི་དྲག་གསུམ་རྐང་འཛིན་ལ། །སྤྱི་ནོར་གྱིས་ནི་སྦྱངས་ལྷག་གིས། །རེའུ་མིག་སྟེང་མ་གང་མཐུན་བཟུང། །དེ་མཐུན་པར་འོག་རེའུ་མིག་ལ། །སྤྱི་ ནོར་བུ་ལོན་རྐང་གྲངས་ནོར། །མ་ནོར་སོ་སོར་བྱིན་པ་ཡིས། །ལྷག་སངས་གཉིས་ཀྱི་ངལ་དག་འགྲུབ། ། ་ཆ་ཤས་དོར་བའི་རང་རང་གི་དལ་བ་དག་པས་རྐང་འཛིན་སྦྱང། །མ་ལྡངས་འཁོར་ལོ་བསྣན་ ལ་སྦྱང། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ནའང་ངོར། །མ་དོར་རིམ་པ་ཞེས་པ་དང། །དོར་ན་རིམ་མིན་ཁ་བྱང་འདེབས། །ལྷག་མའི་སྐར་མས་མྱུར་རྐང་བཟུང། །རྐང་པ་སྔ་ཕྱིའི་ཁ་བྱང་བཀོད། །སྐར་ གནས་མཁའ་རོལ་བསྒྱུར་བ་ལ། །ཆུ་སྲང་མཁའ་མེས་བགོས་པའི་ནོར། །ཆུ་ཚོད་ལ་བྱིན་བཅུག་པ་དེའི། །གྲངས་ཀྱིས་མྱུར་དག་རེའུ་མིག་ནི། །རིམ་པ་རིམ་མིན་གང་ཡིན་འཛིན། །དེ་ཉིད་རང་རང་ དལ་དག་ལ། །རིམ་སྣོན་རིམ་མིན་དབྲི་བ་ཡིས། །རང་རང་མྱུར་བ་དག་པ་འགྲུབ། །རིམ་པའི་སྔ་རྐང་མར་འགྲོས་ཤར། །ཕྱི་རྐང་དལ་འགྲོས་ལྷོ་རུ་བྱེད། །རིམ་མིན་སྔ་རྐང་འཁྱོག་འགྲོས་ནུབ་ ཕྱི་རྐང་འབྱུང་བའི་འགྲེས་ཏེ་བྱང། །ཞེས་པ་འདི་ཡང་སྤེལ་ཁང་སྡེ་པ་མཁས་མཆོག་ཚེ་རིང་དོན་གྲུབ་ཀྱི་དྲུང་དུ་ལེགས་ལྡན་གཟའ་ལྔ་ཉིན་ཞག་ལ་སྤྱོད་པའི་རྩ་སྒྲུབ་དང། མགྱོགས་སྟེར་སོགས་སྦྱངས་ [004B] ་་་་་་འཆར་བདེ་ནའང་མགྱོགས་རྩིས་བྱེད་ཚུལ་ཁ་འཐོར་བ་ལྟ་བུར་སྣང་བས་ན་ནག་འགྲོས་ཀྱི་ཚུལ་དུ་རྩིས་རིག་སྨྲ་བའི་ཤཱཀྱའི་ དགེ་སློང་དྷརྨ་བྷ་དྲས་རབ་བྱུང་བཅུ་གསུམ་པའི་ནང་ཚན་མིག་དམར་གྱི་ལོ་ཆུ་སྟོད་ཟླ་བའི་ཚེས་ལ་སུག་བྲིས་སུ་བགྱིས་ ༄༅། །སྟེང་མ་སོ་སོའི་དཀྱིལ་འཁོར་དང་འོག་མ་སོ་སོའི་ཆ་ཤས་ཀྱི་གྲངས་ཡིན་ལགས། པ་ཛ་ཡནྟུ།། མངྒ་ལཾ།། །།སྡེ་དགེའི་པར་རྐོས་རྒྱལ་ཁམ་པ་རྡོ་རྗེ་རྒྱ་མཚོས་པར་དུ་བསྒྲུབ་པ་དགེའོ།། །། ་་་་་་